ཆོས་ལུགས་མཐུན་སྒྲིལ་དང་། སྙིང་རྗེ། ཁ་ཆེའི་ཆོས་ལུགས།
༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག །
མིསྤྱོད་ངན་འགའ་རེའི་བྱ་སྤྱོད་རྒྱུ་མཚན་དུ་བྱས་ནས་ཆོས་ལུགས་དེའི་རྗེས་འབྲང་པ་ཚང་མ་སྡུག་ཅག་ཡིན་པར་མཚོན་པར་བྱེད་པ་ནི་ནོར་བ་ཡིན་ཞེས་༧གོང་ས་མཆོག་གིས་དེ་ལྟར་ངོས་འཛིན་གནང་གི་ཡོད། དེ་ནི་ཁ་ཆེ་དང་། འཇིའུ། ཡེ་ཤུ། ཧིནྡུ། ནང་པ་བཅས་ཚང་མ་ལ་བདེན་དོན་ཞིག་ཆགས་ཀྱི་ཡོད།